འཁྲུངས་སྐར་དུས་ཆེན་བར་དུ།








བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ།




༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཨ་རི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་སྒོའི་སྐབས་བརྩལ་བའི་གསུང་བཤད།








བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པ།




༧གོང་ས་མཆོག་གིས་ཐེ་ལན་ཌི་ནང་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ།






སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན།




༸གོང་ས་མཆོག་གིས་བེམ་ཤེས་དབར་ཚན་རིག་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་བཀའ་སློབ་སྩལ་བ།

















 






 
                       

གསལ་བསྒྲགས་དང་གནས་ཚུལ་གསར་པ།




༄༅།།སྦེལ་ལྗམ་བོད་རིགས་ཚོགས་པའི་རྒྱུན་ལས་སྐབས་དྲུག་པའི་དངོས་གཞིའི་

འོས་གཞི་རྣམ་པའི་མཚན་གཞུང་།




ཕྱི་ཟླ ༣པའི་ཚེས ༡༧ཉིན་གྱི་སྔོན་

འགྲོའི་འོས་བསྡུ་ཟིན་འཕྲལ། འོས་ཐོན་དོ་བདག་སོ་སོར་བང་རིམ་བཞིན་ཡིག་ཐོག་བརྡ་ལན་གསལ་སྤྲོད་ཞུས་རྗེས།  དུས་བཀག་ནང་ཚུད་འདི་གར་ཡིག་ཐོག་དགོངས་ཞུ་ཕུལ་འབྱོར་བྱུང་པ་རྣམ་ཕུད། དེ་བྱིངས་འོས་བསྡུའི་འགྲོ་ལུགས་གཞིར་བཟུང་ཨང་རིམ་རྩེ་བཏོག་གིས་དངོས་གཞིའི་འོས་གཞི་མི་གྲངས་ཉེར་གཉིས་གཏན་འཁེལ་བྱུང་པ་གཤམ་གསལ།








གནས་མཆོག་མཚོ་པདྨར་ཡན་ལག་སྨན་རྩིས་ཁང་གསར་པ་དབུ་འབྱེད་གནང་བ།

༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་གནས་མཆོག་མཚོ་པདྨར་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འཛུགས་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་ཡོད། ཡན་ལག་སྨན་རྩིས་ཁང་གསར་པ་དེའི་དབུ་འབྱེད་དེ་བཞིན་འབྲི་གུང་བཀའ་བརྒྱུད་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པའི་བླ་མ་དབོན་སྤྲུལ་རིན་པོ་ཆེ་མཆོག་གིས་གནང་ཡོད། མཛད་སྒོའི་སྐབས་སྐུ་མགྲོན་གཞན་རྣམས་ནི་རི་ཝལ་སར་གྲོང་ཚོའི་འགོ་གཙོ་སྐུ་ཞབས་བྷན་སི་ལལ་དང་ (Mr. Bansi lal) དང་རྒྱ་གར་ས་གནས་སྤྱི་མི་སྐུ་ཞབས་ (Mr. Tej singh) པོན་ཌོ་འི་ས་འགོ་བསྟན་འཛིན་བཟང་མོ་ལགས། ས་འཐུས།
དེ་བཞིན་གཡས་གཡོན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཆུང་རྣམས་ཀྱི་མཁན་ལས་ཟུར་བཅས་ཕེབས་ཡོད། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཚེ་རིང་ཕུན་ཚོགས་ལགས་ཡིན་འདུག ཕྱི་ལོ་ ༡༩༩༨ ནས་ད་བར་ལོ་ངོ་བཅུ་བཞི་རིང་ཟླ་རེའི་མཚམས་སུ་གནས་མཆོག་མཚོ་པདྨའི་ཡུལ་མི་སྤྱི་དང་ལྷག་པར་ཕྱོགས་མཐའི་གནས་སྐོར་བ་དང་། དེ་བཞིན་རི་ཁྲོད་མཚམ་ཁང་སོགས་ལ་སྨན་སྤྲོད་དང་བརྟག་དཔྱད་སོགས་ཀྱི་མཐུན་འགྱུར་སྦྱར་ཏེ་ཞབས་ཞུ་ཧུར་སྐྱེད་ཞུ་སྐབས་དབོན་སྤྲུལ་རིན་པོ་ཆེ་མཆོག དང་བླ་མ་དབང་རྡོར་རིན་པོ་ཆེ་མཆོག་བཅས་ཀྱིས་གནས་ཁང་གི་མཐུན་འགྱུར་གང་ལེགས་གནང་ཡོད་པར་ དབུས་སྨན་རྩིས་ཁང་གིས་གོ་སྐབས་དེ་བརྒྱུད་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་པོན་ཌོ་ས་གནས་འགོ་འཛིན་ལས་ཁུངས་གཉིས་ནས་ཀྱང་ཟླ་དྲུག་དེའི་རིང་པོན་ཌོ་དང་སུན་དར་ན་གར་ས་གནས་བོད་མི་མང་ཚོགས་རྣམས་ལ་བརྡ་ཁྱབ་གཏོང་རྒྱུའི་མཚོན་པའི་རོགས་རམ་གང་ཐུབ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཕྱོགས་མཚུངས་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པས་ཡན་ལག་སྨན་ཁང་གསར་པ་རྒྱག་རྒྱུར་མཐུན་འགྱུར་དང་དབུ་འབྱེད་མཛད་སྒོའི་གྲ་སྒྲིག་ཞུ་ཕྱོགས་བཅས་ཕྱོགས་གང་ཅིའི་ཐད་ནས་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་ཡན་ལག་སྨན་ཁང་དེ་བཞིན་དབུས་སྨན་རྩིས་ཁང་གི་ཡན་ལགས་སྨན་ཁང་ ༥༧ པ་ཆགས་ཡོད་པ་བཅས།


བཀའ་ཁྲི་མཆོག་དང་ནང་སྲིད་བཀའ་བློན་རྣམ་གཉིས་ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་པོ་ལོའི་རྩེད་འགྲན་མཐུན་ཚོགས་ཀྱིས་མགྲོན་འབོད་གནང་བ།

༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྡ་སར་རྩེ་བཞིན་པའི་དབྱུག་རྩེད་པོ་ལོའི་རྩེད་འགྲན་སྐབས་ཧི་མཱ་ཅལ་མངའ་སྡེའི་དབྱུག་རྩེད་པོ་ལོའི་རྩེད་འགྲན་མཐུན་ཚོགས་ཀྱིས་ཚོགས་གཙོ་སྐུ་ཞབས་ཨ་ནུ་རཱག་ཐ་ཀུར་མཆོག་གིས་President of State Cricket Association Mr Anurag Thakur མགྲོན་འབོད་གནང་བ་ལྟར་བཀའ་བློན་རྣམ་གཉིས་ཕེབས་ཡོད། སྐབས་དེར་པན་ཇབ་རུ་ཁག་དང་Kings XI Punjab ཅེན་ནའི་རུ་ཁག་Chennai Super Kings གཉིས་དབར་རྩེད་འགྲན་བྱས་ཡོད། སྐུ་ཞབས་ཨ་ནུ་རཱག་ཐ་ཀུར་མཆོག་ནི་མངའ་སྡེའི་བློན་ཆེན་གྱི་བུ་ཡིན་ཞིང་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་ལས་ཐོག་ཡིན་འདུག ཁོང་ནས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་གདན་འདྲེན་ཞུས་མྱོང་ཡོད་པ་བཅས།།


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊི་རི་ཡར་༸ཞབས་སོར་བདེ་བར་འཁོད་པ།

༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥་ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ཌ་ (Klagenfurt) གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཁ་རིན་ཐི་ཡ་Carinthia

སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུ་བཞིན་པ། པར་གྱི་མཐུན་འགྱུར་སྐུ་སྒེར་ཡིག་ཚང།

ས་ཁུལ་གྱི་འག་འཛིན་སྐུ་ཞབས་ཇེར་ཧར་ཌ་ཌོར་ཕ་ལར་ Mr. Gerhard Dörfler མཆོག་གིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་གིས་ཨོ་སི་ཊོ་རི་ཡའི་གསོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གསར་འགོད་པ་མང་དག་ཅིག་ཀྱང་བསླེབས་ཡོད། ཐེངས་འདིར་༸གོང་ས་མཆོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཀལ་གེན་ཕ་ར་ཌ་ནང་གདན་ཞུ་གནང་མཁན་གཙོ་བོ་དེ་བཞིན་སྐུ་ཞབས་ཇེར་ཧར་ཌ་ཌོར་ཕ་ལར་མཆོག་ཡིན་འདུག་ཀྱང་༸གོང་ས་མཆོག་གི་མཛད་འཆར་གོ་སྒྲིག་ཞུ་མཁན་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་Tibet Centre – International Institute of Higher Tibetan Studies ཞེས་པ་དེ་ཡིན་པ་དང།
ཕྱི་ལོ་ ༢༠༠༦ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐུན་འགྱུར་འོག་ཨོ་སི་ཊོ་རི་ཡའི་གྲོང་ཁྱེར་ཧ་ཌ་ཏན་བཀ་ (Hüttenberg) དུ་བཙུགས་པ་ཞིག་ཡིན་འདུག གྲོང་ཁྱེར་དེར་བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཧན་རིཀ་ཧེ་རར་ (Heinrich Harrer) མཆོག་འཁྲུངས་ཡུལ་ཡིན། དེར་བརྟེན་ཐེངས་འདིར་༸གོང་ས་མཆོག་ཁུལ་དེར་ཁྱུག་ཙམ་ཆིབས་སྒྱུར་བསྐྱངས་ཡོད། འདི་ལོར་

ས་ཁུལ་འགོ་གཙོ་མཆོག་གིས་ཕེབས་བསུ་ཞུ་བཞིན་པ།

དམ་པ་ཁོང་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་འདུག དེ་ཡང་ཐེངས་འདིར་༸གོང་ས་མཆོག་གིས་ཨོ་སི་ཊི་རི་ཡའི་ཁུལ་དུ་མང་ཚོགས་གཏམ་བཤད་ཐེངས་བཞི་དང་ཉིན་གཉིས་རིང་བཀའ་ཆོས་སྩལ་གནང་མཛད་རྒྱུ། ཉིན་གཅིག་རིང་ནང་ཆོས་དང་ཚན་རིག་བགྲོ་གླེང་ལྷན་ཚོགས་སྐབས་ལྷན་བཞུགས་མཛད་རྗེས་ཕྱི་ཚེས་ ༢༢ ནས་ ༢༤ བར་མགོན་པོ་གང་ཉིད་མཆོག་ཨི་ཊཱ་ལི་དང་བེལ་ཇམ་སོགས་ཀྱི་ནང་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག


༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ཧེན་རིཀ་ཧེ་རར་དྲན་གསོ་མཛད་པ།

༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༧ གྱི་ཕྱེད་ཡོལ་ཙམ་ལ་༸གོང་ས་མཆོག་ཨོ་སི་ཊི་རི་ཡའི་གྲོང་ཁྱེར་ཧ་ཌ་ཏན་བཀ་ Hüttenbergདུ་༸ཞབས་སོར་འཁོད་མཚམས་ཁུལ་དེར་འཁྲུངས་པའི་བོད་ནང་ལོ་བདུན་ཞེས་པའི་དཔེ་དེབ་རྩོམ་པ་པོ་སྐུ་ཞབས་ཧན་རིཀ་ཧེ་རར་དམ་པ་དེའི་སྐུ་ཟླ་ཀ་རི་ན་ Carina དང་གྲོང་སྡེའི་སྤྱི་ཁྱབ་པ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་༸གོང་ས་མཆོག་གིས་ཧན་རིཀ་ཧེ་རར་

པར་ལེན་སྐུ་སྒེར་ཡིག་ཚང།

(Heinrich Harrer)དམ་པ་དེ་ཐུགས་དྲན་གསོ་མཛད་དེ་བཀའ་སློབ་སྩལ་དོན། སྐུ་ཞབས་ཧན་རིཀ་ཧེ་རར་རྒྱ་གར་གྱི་བཙོན་ཁང་ནས་བྲོས་ཏེ་བོད་དུ་འབྱོར་ནས་ལྷ་སར་ཐོག་མར་ཕེབས་མཚམས་ངོས་ཀྱི་སྐྱེད་མ་དམ་པ་དང་གཅེན་པོ་རྒན་པ་བཅས་དང་གྲོགས་སྒྲིག་བྱུང་བའི་བརྒྱུད་ངོས་དང་ཐུག་འཕྲད་བྱུང། དེ་རྗེས་དམ་པ་ཁོང་གིས་ནོར་བུ་གླིང་གར་ངོས་རང་ཐུག་ཆེད་ཡང་སེ་ཕེབས་ཀྱི་ཡོད། ཁོང་གིས་ངོས་ལ་ཡུ་རོབ་དང་འཕྲུལ་ཆས་ངོ་སྤྲོད་ཐོག་མ་དེ་གནང་བྱུང། འོན་ཀྱང་དམ་པ་ཁོང་ས་གནས་འདིའི་མི་ཞིག་ཆགས་ཡོད་པར་བརྟེན། ཁྱེད་ཚོས་བོད་མི་ཚོར་མཛའ་བརྩེའི་འདུ་ཤེས་རྒྱུན་སྲིང་གནང་བཞིན་ཡོད། སྲོལ་རྒྱུན་རིག་གནས་ཀྱི་ཕྱུག་པ་དང་ལོ་ངོ་སྟོང་གི་བྱུང་རབས་ཡོད་པའི་བོད་ཀྱི་རྒྱལ་ཁབ་དེ་བཞིན་དེང་སྐབས་ཧ་ཅང་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་ཁྱེད་ཚོའི་མཛའ་སེམས་ལ་ང་ཚོས་རིན་ཐང་ཆེན་པོར་རྩི་བཞིན་ཡོད།

ངོས་ཀྱིས་དྲང་བདེན་དང་བདེན་པ་བདེན་གཏུགས་ཀྱི་ནུས་པར་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན། གནས་སྟངས་ཇི་འདྲ་ཞིག་འོག་ང་ཚོས་སེམས་ཤུགས་ནམ་ཡང་མ་

བོད་ཀྱི་ཐེབས་རྩ་ཁང་གསར་འཛུགས་ཀྱི་ས་གཞིར་རབ་གནས་མཛད་བཞིན་པ། པར་ལེན་སྐུ་སྒེར་ཡིག་ཚང།

ཆག་པར་འབད་བརྩོན་བྱས་དང་བྱེད་མུས་ཡིན་པ་མ་ཟད། སྤྱིར་མང་ཚོགས་རྣམས་ལའང་ངོས་ཀྱིས་དེ་ལྟར་བརྗོད་བཞིན་ཡོད། ལར་ནས་དེང་སྐབས་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འཕོ་འགྱུར་འགྲོ་བཞིན་ཡོད་པར་བརྟེན། ངོས་ཀྱིས་བཟང་ཕྱོགས་ཀྱི་རེ་བ་རྒྱག་བཞིན་ཡོད། ཅེས་བཀའ་སྩལ་བ་མ་ཟད་ཁུལ་དེར་བོད་ཀྱི་ཐེབས་རྩ་ (Tibet Centre) གསར་འཛུགས་ཆེད་ཨ་སྒོར་ ༡༥༠ ༠༠༠ གསོལ་རས་སྩལ་ཡོད་པ་བཅས།།


བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་གྱི་ལྷན་ཚོགས་ཐེངས་པོ་ཚོགས་པ།

༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་ཉིན་གྲངས་གཉིས་རིང་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་ཐེངས་དང་པོ་རྡ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥ ཐོག་བཀའ་ཁྲི་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་འབྱེད་གནང་གྲུབ་མཚམས་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་མཚོན་ཆེད་སྐར་མ་གཅིག་ངག་བཅད་མྱ་ངན་གུས་འདུད་དང་བདེན་ཚིགས་སྨོན་ལམ་གསུང་འདོན་གནང་། དེ་ནས་གནས་ཆུང་གྲྭ་ཚང་གི་དགེ་འདུན་བཞི་གྲྭས་ཤིས་བརྗོད་གསུངས་ཏེ་རྟེན་འབྲེལ་གསོལ་ཇ་དང་འབྲས་སིལ་ཕུལ། དེ་རྗེས་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་ཆོས་རིག་བཀའ་བློན་མཆོག་གིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་རྗེས་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་རྗེས་ཆོས་རིག་དྲུང་ཆེ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དངོས་གཞིའི་མཛད་སྒོ་གྲོལ།
ཐེངས་འདིའི་ཉིན་གཉིས་རིང་གི་ལྷན་ཚོགས་ཐེངས་དང་པོའི་ནང་བཀའ་བསྡུར་གནང་རྒྱུའི་གྲོས་གཞི་གསུམ་ཡོད་པ་རྣམས་གཤམ་གསལ།

དོན་ཚན་དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཕེབས་པར་དངོས་སུ་ལག་བསྟར་ཞུ་ཕྱོགས་སྐོར་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་རྒྱུ།

དོན་ཚན་གཉིས་པ། བཙུན་མའི་འདུས་སྡེ་ཁག་ནས་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། ཡང་ན། བཙུན་མ་འདུས་སྡེ་ཁག་གི་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་བཟོ་མཁན་ཚོགས་ཆུང་གཏན་འབེབས་གནང་རྒྱུ།

དོན་ཚན་གསུམ་པ། ཕྱི་ཟླ་ ༨ ཚེས་ ༡༩ ནས་ ༢༡ བར་མོན་གྷོ་དགའ་ལྡན་བླ་སྤྱིར་འཚོགས་རྒྱུའི་དགེ་ལུགས་བསྟན་བདག་དང་མཁན་པོ་རྣམ་པའི་ལྷན་ཚོགས་སུ་དགེ་བཤེས་མའི་སྐོར་སྙན་སྒྲོན་གསུང་བཤད་གནང་མཁན་བཙུན་མའི་སྐུ་ཚབ་གཅིག་དང་དཔེ་ཁྲིད་དགེ་རྒན་གཅིག་འདེམས་བསྐོ་གནང་རྒྱུ་ཡིན་འདུག

དེ་ཡང་ཆུ་ཚོད་ ༡༠།༣༠ ཐོག་ཚོགས་ཐུན་དང་པོ། གཙོ་སྐྱོང་བ་ཆོས་རིག་དྲུང་ཆེ་དབུ་བཞུགས་ཐོག་ཚོགས་མི་སོ་སོ་དང་དགོན་སྡེ་སོ་སོའི་སློབ་གཉེར་གནང་སྟངས་རིམ་པས་ངོ་སྤྲོད་གནང་ཡོད།  ཚོགས་ཐུན་གཉིས་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་དང་པོར་བཀའ་བཀའ་བསྡུར་གནང་རྒྱུ། ཚོགས་ཐུན་གསུམ་པ་དང་བཞི་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་གཉིས་པའི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་འདུག དེ་བཞིན་ཕྱི་ཚེས་ ༡༩ ཉིན་གྱི་ཚོགས་ཐུན་ལྔ་པ་དང་དྲུག་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་གཉིས་པར་མུ་མཐུད་བཀའ་བསྡུར་གནང་རྒྱུ་ཡིན་འདུག

ཚོགས་ཐུན་བདུན་པ། ཆོས་རིག་དྲུང་ཆེས་གཙོ་སྐྱོང་གནང་ཐོག་གྲོས་གཞི་དོན་ཚན་གསུམ་པར་བཀའ་བསྡུར་གནང་སྟེ་གྲོས་གཞི་ཁག་ལ་མཐའ་མའི་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག ཉིན་མཐའ་མར་ཚོགས་དྲུང་ནས་མཐའ་མའི་གྲོས་ཆོད་སྙན་སྒྲོན་གྱིས་གྲོས་ཆོད་སྟེང་སྐུ་ཚབ་རྣམ་པས་མཚན་རྟགས་ལས་ཐམ་འགོད་རྒྱུ། དེ་བཞིན་ཆོས་རིག་བཀའ་བློན་མཆོག་གིས་མཇུག་བསྡོམས་གསུང་བཤད་དང་ཆོས་རིག་དྲུང་ཆེེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ལྷན་ཚོགས་ནང་ཆོས་རིག་བཀའ་བློན་མཆོག་དང་བཙུན་པའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་གཙོས་རྡ་ས་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་དང་། བོད་ཀྱི་བཙུན་མའི་ལས་འཆར། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང། བལ་ཡུལ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང། བལ་ཡུལ་བཙུན་དགོན་སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་། རྡ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་། རྡ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་། རྡ་ས་བཙུན་དགོན་སྒྲོལ་མ་གླིང་བཅས་ནས་ཁྱོན་སྐུ་ཚབ་མི་སྣ་ ༢༡ མཉམ་ཞུགས་གནང་ཡོད་པ་བཅས། །